学校首页本站首页系部概况党建工作科研成果教学资源学生工作规章制度成人教育活动公告关于我们在线留言藏文版
※ 当前位置: 本站首页>>新闻列表>>正文
འཆད་ཁྲིད་སྐོར་གྱི་བྱ་འགུལ།
2019-06-04 21:21  

ཚད་མ་རིག་པའི་མཐུན་ཚོགས་ཀྱིས་འཆད་ཁྲིད་སྐོར་གྱི་བྱ་འགུལ་སྤེལ་བའི་གནས་ཚུལ་མདོར་བསྡུས། 

སློབ་རའི་རིག་གནས་ཀྱི་ཁོར་ཡུལ་ཡར་རྒྱས་དང་སློབ་སྦྱོང་གི་མཁའ་དབུགས་ཇེ་རྒྱས་ཇེ་ལེགས་སུ་གཏོང་ཆེད། ཚད་མ་རིག་པའི་མཐུན་ཚོགས་ཀྱིས་རང་སློབ་རའི་དགེ་རྒན་ཆེན་མོ་ཀུན་བཟང་རྒྱལ་ལགས་གདན་དྲངས་ནས་གཡང་གི་རིག་གནས་བྱུང་འཕེལ་དང་མཚོན་དོན་ལ་དཔྱད་པ་ཞེས་པའི་འཆད་ཁྲིད་ཀྱི་བྱ་འགུལ་སྤེལ། 

བྱ་འགུལ་ལ་ཞུགས་མཁན་གྱི་དགེ་སློབ་ཕལ་ཆེར་མི་གྲངས་200ཡས་མས་སུ་སླེབས་ལ།ཐོག་མར་མཐུན་ཚོགས་ཀྱི་འགན་འཛིན་པས་དགེ་རྒན་ཆེན་མོ་ཀུན་བཟང་རྒྱལ་ལགས་ངོ་སྤྲོད་མདོར་བསྡུས་བྱས་བ་དང་བྱ་འགུལ་འདི་འདྲ་སྤེལ་བའི་དམིགས་ཡུལ་གསལ་བཤད་བྱས་རྗེས།འཆད་ཁྲིད་དངོས་སུ་མགོ་བརྩམས།འཆད་ཁྲིད་མཇུག་རྫོགས་རྗེས་སློབ་གྲོགས་ཚོས་དགེན་ལགས་ལ་དྲི་བ་མང་པོ་དྲིས་བ་བརྒྱུད་སློབ་གྲོགས་ཚོར་སློབ་སྦྱོང་གི་གོ་སྐབས་རྨད་དུ་བྱུང་བ་ཞིག་ཐོབ། ཆེས་མཇུག་མཐར་ཚད་མ་རིག་པའི་མཐུན་ཚོགས་ཀྱིས་དགེན་ལགས་ལ་བཀའ་དྲིན་ཞུ་ཚུལ་དུ་ལེགས་སྐྱེས་ཕུལ་ཞིང་ཐལ་མོའི་རྡེབ་སྒྲའི་ཁྲོད་བཀྲ་ཤིས་ཀྱི་རྟེན་འབྲེལ་དང་བཅས་ཡོངས་སུ་མཇུག་རྫོགས་སོ།། 

关闭窗口
图片新闻
གཟི་བརྗིད་མིང་...
འཆད་ཁྲིད་སྐོར་...
藏语系毕业晚会圆满落幕
简讯
我校与西藏大学联合培养硕士研...
藏语系党总支组织召开2018年度...
省教育厅巡察组巡察甘肃民族师...
 

系统纵览 OA办公
藏文字体 藏文信息
设为首页  |  加入收藏

版权所有:甘肃民族师范学院藏语系