学校首页本站首页系部概况党建工作科研成果教学资源学生工作规章制度成人教育活动公告关于我们在线留言藏文版
※ 当前位置: 本站首页>>师生天地>>正文
ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་ཡིག་སྡེ་ཁག་གི་སྐབས་དྲུག་པའི་དཔེ་ཀློག་བྱ་དགའི་གསལ་བསྒྲགས།
2019-06-06 17:04  

དགེ་སློབ་འདུན་པ་ཆིག་དྲིལ་གྱིས།།

མི་རིགས་སློབ་གསོ་གོང་འཕེལ་མཛོད།།

               —༧བསེ་ཚང་བློ་བཟང་དཔལ་ལྡན་ནས།   

མིའི་རིགས་ཀྱི་བློ་གྲོས་ནི་འཕེལ་རྒྱས་ཀྱི་ཡ་མཐའ་མི་མངོན་པ་དེ་བཞིན། མིའི་བློ་གྲོས་ཀྱི་ཉིང་ཁུ་ལས་བྱུང་བའི་དཔེ་ཆ་དག་ཀློག་པ་ནི་རང་ཉིད་ཀྱི་ཡང་དག་གི་བློ་མིག་རྙེད་བྱེད་དང་། འོད་ཟེར་གྱི་ལམ་བུ་ལ་འཇུག་པའི་ཁ་ཕྱོགས་མ་ནོར་བ་དེའོ། །ནག་ཆུང་གི་ཡི་གེ་རེ་རེ་སེམས་ཀྱི་ཟབ་ས་རུ་བཞག་ཏེ་ནན་གྱིས་ཀློག་དུས། དཔྱོད་ཤེས་ཀྱི་གཤོག་ཟུང་མཁའ་རུ་རྩེན་ཞིང་། འཛམ་གླིང་རིག་པས་བསྐོར་བའི་མཁས་མཆོག་ཚོའི་བློ་མིག་མཐོང་འོང་། མི་གཞི་རིག་འོང་། སྙིང་སྟོབས་རྙེད་འོང་།  

དཔེ་ཀློག་ལ་དགའ་བའི་མི་རིགས་ནི་དཔལ་ཡོན་གྱིས་ཕྱུག་པའི་མི་རིགས་ཤིག་ཡིན་སྲིད་པ་དེ་བཞིན། དཔེ་ཀློག་ལ་དགའ་བའི་མི་བུ་དེ་ནི་མི་ཚེ་ལ་སྙིང་བོ་འཚོལ་མཁན་ཞིག་ཏན་ཏན་ཡིན་ངེས། སློབ་ཆེན་པ་ཞིག་ལ་མཚོན་ན། ད་ལྟའི་དུས་སྐབས་ནི་རང་ཉིད་ཀྱི་མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་གནད་འགག་གི་དུས་ཤིག་ཡིན་ལ། འབྱུང་འགྱུར་གྱི་འཚོ་བའི་གནས་སྟངས་དང་མི་ཚེའི་རྒྱལ་ཕམ་རྟོགས་པའི་མེ་ལོང་ལྟ་བུར་ཆགས་ཡོད། དེ་བས་གནད་འགག་གི་དུས་ལ་རིན་བྲལ་གྱི་དཔེ་ཆ་མང་དུ་བཀླག་རྒྱུ་དང་། དཔེ་ཆ་ཀློག་ཤེས་པ་བྱ་རྒྱུ། བཀླགས་ཟིན་པ་དག་བརྗེད་ངེས་སུ་མི་འགྲོ་བ་བྱ་རྒྱུ་ནི་མ་ཤེས་པ་ཤེས་པར་བྱ་བ་དང་ཤེས་པ་དག་གོང་ནས་གོང་དུ་འཕེལ་བའི་ཐབས་ཚུལ་མ་ནོར་བ་ཞིག་གོ།  

དེ་བས་རང་རེའི་བོད་ཡིག་སྡེ་ཁག་གིས་སློབ་མ་ཚོའི་དཔེ་ཀློག་གི་འདུན་པ་གོང་མཐོར་དང་། དཔེ་ཀློག་གི་ནུས་པ་བསྐྱེད་སྲིང་། དཔེ་ཀློག་གི་སྤུས་ཚད་མཐོར་འདེགས་བཅས་ཀྱི་ཆེད་དུ་དཔེ་ཀློག་འགྲན་སྡུར་གྱི་བྱེད་སྒོ་འདི་འདྲ་ཞིག་ལོ་རེར་ཐེངས་རེ་སྤེལ་མུས་སུ་ཡོད། གཤམ་ཏུ་སྐབས་དྲུག་པའི་དཔེ་ཀློག་བྱ་དགའི་དཔྱད་འདེམས་གནས་ཚུལ་དང་བྱ་དགའ་ཐོབ་མཁན་གྱི་སློབ་མའི་མཚན་ཐོ་སོགས་བཀོད་ན་འདི་ལྟ་སྟེ།  

བོད་ཡིག་སྡེ་ཁག་གི་སྐབས་དྲུག་པའི་དཔེ་ཀློག་བྱ་དགའི་དཔྱད་འདེམས་གནས་ཚུལ།  

༡ དཔྱད་འདེམས་དུས་ཚོད། ༢༠༡༩ལོའི་ཟླ༥ཚེས༢༧།  

༢ དཔྱད་འདེམས་ས་གནས། བོད་རིག་པའི་ཐོག་ཁང་གི་དཔེ་མཛོད་ཁང་།  

༣ དཔྱད་འདེམས་དགེ་རྒན། ཀུན་བཟང་རྒྱལ། དཀོན་མཆོག་རྒྱ་མཚོ། ཤ་བོ་ཀླུ་བྱམས། སྐལ་བཟང་བཀྲ་ཤིས། ཚེ་གཟུངས་འབུམ། སྙིང་ལྕགས་རྒྱལ། འཇམ་དཔལ་རྒྱལ། རྡོ་རྗེ་དོན་གྲུབ།   

༤ འགྲན་ཞུགས་པ། བོད་ཡིག་སྡེ་ཁག་གི་སློབ་མ་ཡོངས།  

༥ དཔྱད་འདེམས་གསལ་བཤད། དཔྱད་འདེམས་དགེ་རྒན་རྣམ་པས་འགྲན་ཞུགས་པ་རྣམས་ལས་དཔེ་ཀློག་གི་གྲངས་ཚད་ཆེས་མང་བ་དང་དཔེ་ཀློག་ཟིན་བྲིས་བཏབ་པ་ཆེས་བཟང་བའི་སློབ་མ་བཅུ་བཞི་ལ་དཔེ་ཀློག་བྱ་དགའ་བསྩལ། དེ་དག་ལས་སློབ་མ་གསུམ་ལ་སློབ་གྲྭ་རིམ་པའི་དཔེ་ཀློག་བྱ་དགའ་དང་གཞན་སློབ་མ་བཅུ་གཅིག(ཨང་དང་པོ་གཅིག་དང་། གཉིས་པ་གཉིས། གསུམ་པ་གསུམ། ཕུལ་བྱུང་བྱ་དགའ་ལྔ་བཅས) ལ་སྡེ་ཁག་རིམ་པའི་དཔེ་ཀློག་བྱ་དགའ་བསྩལ།  

༦ བྱ་དགའི་ལག་སྐྱེས། ༼དོར་ཞི་གདོང་དྲུག་སྙེམས་བློའི་དེབ་ཕྲེང་། པོད༡༠༽ ༼རྗེ་དམུ་དགེ་བསམ་གཏན་རྒྱ་མཚོའི་གསུང་འབུམ། པོད༦༽ ༼གུང་ཐང་བསྟན་པའི་དབང་ཕྱུག་ཚང་གི་གསུང་འབུམ། པོད༥༽ ༼ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་ཡིག་སྡེ་ཁག་གི་དགེ་རྒན་རྣམས་ཀྱི་དཔྱད་རྩོམ་བདམས་བསྒྲིགས༽༼མདོ་སྨད་ཆོས་འབྱུང༽སོགས།   

(༡)སྡེ་ཁག་རིམ་པའི་དཔེ་ཀློག་བྱ་དགའ་ཐོབ་མཁན་གྱི་མཚན་ཐོ།   

༡ བྱ་དགའ་ཨང་དང་པོ་ཐོབ་མཁན། བསོད་ནམས་རྡོ་རྗེ། 15ལོའི་རྩོམ་རིག་འཛིན་གྲྭ་དང་པོ།   

སློབ་བུ་བསོད་ནམས་རྡོ་རྗེ་ལགས་ཀྱིས་སློབ་ཆེན་ལོ་ངོ་བཞིའི་རིང་ལ་བལྟས་པའི་དཔེ་དེབ221ལྷག་གི་ཟིན་བྲིས།   

༢ བྱ་དགའ་ཨང་གཉིས་པ་ཐོབ་མཁན། མཁར་མོ་ཚེ་རིང་། 15ལོའི་རྩོམ་རིག་འཛིན་གྲྭ་གཉིས་པ། དཔེ་དེབ147ལྷག་ལ་དཔེ་ཀློག་ཟིན་བྲིས་བཏབ་འདུག   

༣ བྱ་དགའ་ཨང་གཉིས་པ་ཐོབ་མཁན། ལྷ་མོ་འཚོ། 15ལོའི་རྩོམ་རིག་འཛིན་གྲྭ་གཉིས་པ། དཔེ་དེབ72ལྷག་ལ་དཔེ་ཀློག་ཟིན་བྲིས་བཏབ་འདུག   

༤ བྱ་དགའ་ཨང་གསུམ་པ་ཐོབ་མཁན། སྒྲོལ་མ་སྐྱབས། 15ལོའི་རྩོམ་རིག་འཛིན་གྲྭ་དང་པོ། དཔེ་དེབ64ལྷག་ལ་དཔེ་ཀློག་ཟིན་བྲིས་བཏབ་འདུག   

༥ བྱ་དགའ་ཨང་གསུམ་པ་ཐོབ་མཁན། ཚེ་གཟུངས་སྐྱབས། 16ལོའི་རྩོམ་རིག་འཛིན་གྲྭ་དང་པོ། དཔེ་དེབ70ལྷག་ལ་དཔེ་ཀློག་ཟིན་བྲིས་བཏབ་འདུག   

༦ བྱ་དགའ་ཨང་གསུམ་པ་ཐོབ་མཁན། ཀླུ་མོ་འཚོ། 17ལོའི་རྒྱ་བོད་ལོ་ཙཱ་འཛིན་གྲྭ། དཔེ་དེབ28ལྷག་ལ་དཔེ་ཀློག་ཟིན་བྲིས་བཏབ་འདུག   

༧ ཕུལ་བྱུང་བྱ་དགའ་ཐོབ་མཁན། གསེར་བཟང་འཚོ། 17ལོའི་རྒྱ་བོད་ལོ་ཙཱ་འཛིན་གྲྭ། དཔེ་དེབ25ལྷག་ལ་དཔེ་ཀློག་ཟིན་བྲིས་བཏབ་འདུག   

༨ ཕུལ་བྱུང་བྱ་དགའ་ཐོབ་མཁན། ཚེ་རིང་སྐྱིད། 17ལོའི་རྒྱ་བོད་ལོ་ཙཱ་འཛིན་གྲྭ། དཔེ་དེབ25ལྷག་ལ་དཔེ་ཀློག་ཟིན་བྲིས་བཏབ་འདུག   

༩ ཕུལ་བྱུང་བྱ་དགའ་ཐོབ་མཁན། པད་མ་འཚོ། 17ལོའི་རྩོམ་རིག་འཛིན་གྲྭ་དང་པོ། དཔེ་དེབ་བཅུ་ཕྲག་ལྷག་ལ་དཔེ་ཀློག་ཟིན་བྲིས་ཞིབ་ཏུ་བཏབ་འདུག   

༡༠ ཕུལ་བྱུང་བྱ་དགའ་ཐོབ་མཁན། རྡོ་རྗེ་དོན་གྲུབ། 17ལོའི་རྩོམ་རིག་འཛིན་གྲྭ་དང་པོ། དཔེ་དེབ་བཅུ་ཕྲག་ལྷག་ལ་དཔེ་ཀློག་ཟིན་བྲིས་ཞིབ་ཏུ་བཏབ་འདུག   

༡༡ ཕུལ་བྱུང་བྱ་དགའ་ཐོབ་མཁན། བན་དེ་སྒོམ། 17ལོའི་དབྱིན་བོད་ལོ་ཙཱ་འཛིན་གྲྭ། དཔེ་དེབ་བཅུ་ཕྲག་ལྷག་ལ་དཔེ་ཀློག་ཟིན་བྲིས་ཞིབ་ཏུ་བཏབ་འདུག   

(༢)སློབ་གྲྭ་རིམ་པའི་དཔེ་ཀློག་བྱ་དགའ་ཐོབ་མཁན་གྱི་མཚན་ཐོ།  

(གསལ་བཤད། སློབ་གྲྭ་རིམ་པའི་དཔེ་ཀློག་བྱ་དགའ་ལ་རིགས་གསུམ་ཡོད་དེ། “དཔེ་ཀློག་ཟིན་བྲིས་ཀྱི་བྱ་དགའ”དང་། “ཤེས་བྱ་འགྲན་སྡུར་གྱི་བྱ་དགའ།”“དཔེ་དེབ་གཡར་གྲངས་ཆེས་མང་བའི(2018.5-2019.5)བྱ་དགའ”བཅས་སོ།།)   

ཀ སློབ་གྲྭ་རིམ་པའི“དཔེ་ཀློག་ཟིན་བྲིས་ཀྱི་བྱ་དགའ”ཐོབ་མཁན་གྱི་མཚན་ཐོ།   

༡ སློབ་གྲྭ་རིམ་པའི་བྱ་དགའ་ཨང་གཉིས་པ་ཐོབ་མཁན། པད་མ་ཚེ་རིང་།16ལོའི་རྩོམ་རིག་འཛིན་གྲྭ་དང་པོ། དཔེ་དེབ165ལྷག་ལ་དཔེ་ཀློག་ཟིན་བྲིས་བཏབ་འདུག   

༢ སློབ་གྲྭ་རིམ་པའི་བྱ་དགའ་ཨང་གསུམ་པ་ཐོབ་མཁན། ཚེ་རིང་བསམ་འགྲུབ། 15ལོའི་རྩོམ་རིག་འཛིན་གྲྭ་དང་པོ། དེབ70ལྷག་ལ་དཔེ་ཀློག་ཟིན་བྲིས་བཏབ་འདུག   

༣ སློབ་གྲྭ་རིམ་པའི་ཕུལ་བྱུང་བྱ་དགའ་ཐོབ་མཁན། ཚེ་དཔག་སྐྱབས། 15ལོའིཟློས་གར་འཛིན་གྲྭ། དེབ25ལྷག་ལ་དཔེ་ཀློག་ཟིན་བྲིས་བཏབ་འདུག   

ཁ། སློབ་གྲྭ་རིམ་པའི“ཤེས་བྱ་འགྲན་སྡུར་གྱི་བྱ་དགའ”ཐོབ་མཁན་གྱི་མཚན་ཐོ།  

རྐང་ལམ་ཚོགས་པ (17ལོའི་རྒྱ་བོད་ལོ་ཙཱ་འཛིན་གྲྭའི་སློབ་གྲོགས་ཀླུ་མོ་འཚོ་དང་། གསེར་བཟང་འཚོ། ཚེ་རིང་སྐྱིད་བཅས)ལ་སློབ་གྲྭ་རིམ་པའི་བྱ་དགའ་ཨང་གསུམ་པ་ཐོབ།  

ག སློབ་གྲྭ་རིམ་པའི“དཔེ་དེབ་གཡར་གྲངས་ཆེས་མང་བའི(ལོ་གཅིག་གི་རིང)བྱ་དགའ”ཐོབ་མཁན་གྱི་མཚན་ཐོ།  

སློབ་གྲོགས་པད་མ་ཚེ་རིང(16ལོའི་རྩོམ་རིག་འཛིན་གྲྭ་དང་པོ)ལ་སློབ་གྲྭ་རིམ་པའི་བྱ་དགའ་ཨང་གསུམ་པ་དང་། ཚེ་གཟུངས་སྐྱབས(16ལོའི་རྩོམ་རིག་འཛིན་གྲྭ་དང་པོ)དང་། ལྕགས་མོ་སྐྱིད།(16ལོའི་རྩོམ་རིག་འཛིན་གྲྭ་གཉིས་པ) ཐུབ་བསྟན་ཆོས་སྒྲོན། (17ལོའི་རྩོམ་རིག་འཛིན་གྲྭ་དང་པོ) ཐུབ་བསྟན་དབང་མོ (17ལོའི་རྩོམ་རིག་འཛིན་གྲྭ་དང་པོ) བཅས་ལ་ཕུལ་བྱུང་བྱ་དགའ་ཐོབ།  

རིག་པའི་འཕེལ་སྟོབས་ནི་དཔེ་ཀློག་གི་ནང་རོལ་དང་ཡིག་འབྲུ་རེ་རེའི་ཚན་ཁ་ན་ཡོད་པས། དཔེ་ཀློག་ལ་སེམས་པ་གླན་ཞིང་རྣ་བ་གཏད་ན། ཁྱེད་ཀྱི་མི་ཚེ་ལ་གཤོག་པ་བསྩལ་ཞིང་། མདུན་ལམ་ལ་འོད་སྟོང་འཕྲོ་ངེས། དེ་བས། ཉིད་ཀྱིས་དཔེ་ཀློག་གི་མདུན་རྒྱབ་ལ་སེམས་པ་བཅོལ་ཐུབ་ན་དཔེ་ཀློག་གིས་ཁྱེད་ལ་ཁྲེལ་མེད་བྱ་མི་སྲིད་ལ། དཔེ་ཀློག་ཇི་ལྟར་ཤུགས་ཆེ་ན། རིག་པ་ནི་དེ་ལྟར་འཕེལ་ཡོང་བ་རེད།   

ཀན་སུའུ་མི་རིགས་དགེ་འོས་སློབ་ཆེན་བོད་ཡིག་སྡེ་ཁག  

འགན་འཁུར་བ། རྡོ་རྗེ་དོན་གྲུབ།  

༢༠༡༩ལོའི་སྤྱི་ཟླ༦ཚེས༥ལ།   

关闭窗口
图片新闻
ཀན་སུའུ་མི་རིག...
གཟི་བརྗིད་མིང་...
འཆད་ཁྲིད་སྐོར་...
藏语系毕业晚会圆满落幕
简讯
我校与西藏大学联合培养硕士研...
藏语系党总支组织召开2018年度...
 

系统纵览 OA办公
藏文字体 藏文信息
设为首页  |  加入收藏

版权所有:甘肃民族师范学院藏语系